青海警方公开征集万麻才让、多日德本(格勒)等人涉恶违法犯罪线索
2019-07-11 09:31:12  来源:青海公安

关于征集万麻才让、多日德本(格勒)、旦正本(达吾)、万玛才让、多杰才让、谢日布多杰、拉旦涉恶违法犯罪线索的通告

 
  自扫黑除恶专项斗争开展以来,黄南州泽库县公安局经过缜密侦查,抓获涉嫌恶势力犯罪嫌疑人万麻才让、多日德本(格勒)、旦正本(达吾)、万玛才让、多杰才让、谢日布多杰、拉旦等人。
  经查,自2016年以来万麻才让、多日德本、旦正本、万玛才让、多杰才让、谢日布多杰、拉旦等犯罪嫌疑人以泽库县桑曲峨毛合作货物运输有限公司为名义,长期纠集当地运输司机在泽库县工程领域以言语威胁、堵路阻工等手段,实施强迫交易、敲诈勒索、寻衅滋事等违法犯罪行为,严重扰乱社会秩序,造成恶劣社会影响。
  为全面查清万麻才让等涉嫌违法犯罪的事实,彻底铲除这一社会毒瘤,净化治安环境、维护公平正义。现面向全社会征集案件线索,望广大人民群众,特别是相关受害人积极行动起来,向公安机关提供该犯罪团伙成员的违法犯罪事实、线索、证据。公安机关将严格按照《中华人民共和国刑事诉讼法》相关规定及最高人民法院、最高人民检察院、公安部、司法部《关于办理黑恶势力犯罪案件若干问题的指导意见》第三十五条之规定对证人、报案人、控告人、举报人、被害人依法采取不公开真实姓名、住址和工作单位,采取不暴露外貌、真实声音,人身和住址采取专门性保护等相关措施。并依据《青海省黑恶势力违法犯罪线索举报奖励办法》《泽库县扫黑除恶线索奖励办法》,对提供有价值线索者进行奖励。同时敦促该犯罪团伙的其他人员主动向公安机关投案自首,主动到案并如实供述自己违法犯罪行为的,依法从轻或减轻处罚。对包庇、纵容犯罪分子的,将依法追究其法律责任。
 
举报地址
泽库县公安局扫黑除恶专项办
(泽库县公安局刑警大队)
举报电话
泽库县公安局扫黑办
09738752110
刘警官18809739220
格警官18009730700
 
黄南州泽库县公安局
2019年7月8日

པད་མ་ཚེ་རིང་དང་མདོ་སྡེ་འབུམ།(དགེ་ལེགས)རྟ་མགྲིན་འབུམ།(རྟ་བོ) པད་མ་ཚེ་རིང་། རྡོ་རྗེ་ཚེ་རིང་། ཤེས་རབ་རྡོ་རྗེ། ལྷ་བརྟན་སོགས་ཀྱི་ངན་འབྲེལ་ཁྲིམས་འགལ་དང་འབྲེལ་བའི་ཉེས་དོན་ཁུངས་སྣེ་འཚོལ་བསྡུ་བྱེད་པའི་བརྡ་ཁྱབ།

 

ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྤེལ་འགོ་ཚུགས་པ་ནས་བཟུང་། རྨ་ལྷོ་ཁུལ་རྩེ་ཁོག་རྫོང་སྤྱི་བདེ་ཅུའུ་ཡིས་ཞིབ་ཚགས་ཀྱི་་མྱུལ་ཞིབ་བྱས་པ་བརྒྱུད།  ངན་ནག་སྟོབས་ཤུགས་དང་འབྲེལ་བའི་དོགས་ཅན་མི་སྣ་པད་མ་ཚེ་རིང་དང་། མདོ་སྡེ་འབུམ་(དགེ་ལེགས) རྟ་མགྲིན་འབུམ (རྟ་བོ) པད་མ་ཚེ་རིང་། རྡོ་རྗེ་ཚེ་རིང་། ཤེས་རབ་རྡོ་རྗེ། ལྷ་བརྟན་སོགས་འཛིན་བཟུང་བྱས།

 

རྟོག་ཞིབ་ལས་ཤེས་གསལ་ལྟར་ན། 2016ལོ་ནས་བཟུང་། དོགས་ཡོད་ཉེས་ཅན་པད་མ་ཚེ་རིང་དང་། མདོ་སྡེ་འབུམ། རྟ་མགྲིན་འབུམ། པད་མ་ཚེ་རིང་། རྡོ་རྗེ་ཚེ་རིང་། ཤེས་རབ་རྡོ་རྗེ། ལྷ་བརྟན་སོགས་ཀྱིས་རྩེ་ཁོག་རྫོང་བསང་ཆབ་སྔོན་མོ་ཚོང་ཟོང་སྐྱེལ་འདྲེན་མཉམ་ལས་ཚད་ཡོད་ཀུང་སི་ཡི་མིང་བེད་སྤྱོད་ཀྱིས།  དུས་ཡུན་རིང་བོར་ས་གནས་ཀྱི་ཚོང་ཟོང་སྐྱེལ་འདྲེན་གྱི་ཁ་ལོ་བ་བསྡུ་རུབ་ཀྱིས་རྩེ་ཁོག་རྫོང་ཁོངས་ཀྱི་བཟོ་སྐྲུན་ལས་གཞི་སོ་སོའི་ཁྱབ་ཁོངས་ནས་ངག་ཐོག་གི་འཇིགས་སྐུལ་དང་ལས་འགོག་ལམ་གཅོད་ཀྱི་བྱེད་ཐབས་སྤྱད་དེ། བཙན་ཤེད་ཀྱིས་ཉོ་ཚོང་བྱེད་པ་དང་བསྙད་འདོགས་རྒྱུ་ལེན། བསྙད་བརྐོ་ཟིང་སློང་སོགས་ཁྲིམས་འགལ་གྱི་ཉེས་བསགས་བྱ་སྤྱོད་སྤེལ་བས་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་དཀྲོག་རྐྱེན་དང་ཤུགས་རྐྱེན་ཚབས་ཆེན་བཟོས།

 

པད་མ་ཚེ་རིང་སོགས་ཀྱི་ཁྲིམས་འགལ་ཉེས་བསགས་ཀྱི་བྱ་སྤྱོད་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་དང་། སྤྱི་ཚོགས་ཀྱི་དུག་སྐྲན་འདི་རྩ་མེད་དུ་བཏང་སྟེ། སྤྱི་ཚོགས་བདེ་སྲུང་གི་ཁོར་ཡུག་ལེགས་པོ་བསྐྲུན་ཞིང་དྲང་བདེན་དྲང་བཞག་ལ་སྲུང་སྐྱོང་བྱ་ཆེད། འདིར་སྤྱི་ཚོགས་ཡོངས་ལ་ཁ་གཏད་དེ་གྱོད་དོན་གྱི་ཁུངས་སྣེ་འཚོལ་བསྡུ་བྱ་རྒྱུ་ཡིན་པས། རྒྱ་ཆེའི་མང་ཚོགས་དང་ལྷག་དོན་འབྲེལ་ཡོད་ཀྱི་གནོད་འཚེ་ཕོག་མཁན་རྣམས་ཀྱིས་ཉེས་ཅན་ཚོགས་པའི་ཁོངས་མི་འདི་དག་གི་ཁྲིམས་འགལ་ཉེས་བསགས་ཀྱི་གནས་ཚུལ་དང་། ཁུངས་སྣེ། བདེན་དཔང་སོགས་སྤྱི་བདེ་ལས་ཁུངས་ལ་འདོན་སྤྲོད་ཞུ་རྒྱུ་དང་། སྤྱི་བདེ་ལས་ཁུངས་ཀྱིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་གཏུག་བཤེར་གྱི་བཅའ་ཁྲིམས》ལས་གཏན་འབེབས་བྱས་པའི་འབྲེལ་ཡོད་ཐག་གཅོད་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ། ཁྲིམས་འཛིན་པུའུ་སོགས་ཀྱིས་་གཏན་འབེབས་བྱས་པའི་《ངན་ནག་སྟོབས་ཤུགས་ཀྱི་ཉེས་བསགས་གྱོད་སྒྲུབ་ཀྱི་གནད་དོན་འགའ་དང་འབྲེལ་བའི་མཛུབ་སྟོན་བསམ་འཆར》ལས་དོན་ཚན་སོ་ལྔ་པའི་གཏན་འབེབས་གཞིར་བཟུང་སྟེ། ཁྲིམས་ལྟར་དཔང་མི་དང་གྱོད་དོན་སྙན་ཞུ་པ།  ཞུ་གཏུགས་བྱེད་མཁན།  གོང་ཞུ་བྱེད་མཁན། གནོད་འཚེ་ཕོག་མཁན་སོགས་ཀྱི་མིང་དང་སྡོད་གནས། ལས་ཁུངས།  མི་སྣའི་ཕྱི་ཚུལ་དང་སྐད་ཆ་སོགས་ཕྱིར་བསྒྲགས་དང་ཐེར་འདོན་མི་བྱེད་པར། མི་སྒེར་དང་སྡོད་གནས་སོགས་ལ་ཆེད་དམིགས་ཀྱི་སྲུང་སྐྱོབ་སོགས་འབྲེལ་ཡོད་ཀྱི་བྱེད་ཐབས་སྤྱོད་རྒྱུ་ཡིན། དེ་མིན《མཚོ་སྔོན་ཞིང་ཆེན་ངན་ནག་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཉེས་བསགས་ཀྱི་ཁུངས་སྣེ་གོང་ཞུ་ལ་བྱ་དགའ་གནང་ཐབས》དང《རྩེ་ཁོག་རྫོང་ནག་འཇོམས་ངན་སེལ་ཀྱི་ཁུངས་སྣེ་འདོན་མཁན་ལ་བྱ་དགའ་གནང་ཐབས》གཞིར་བཟུང་སྟེ། དངོས་ཡོད་རིན་ཐང་དང་ལྡན་པའི་ཁུངས་སྣེ་འདོན་སྤྲོད་བྱེད་མཁན་ལ་བྱ་དགའ་སྟེར་རྒྱུ་ཡིན། དེར་མཐུན་གྱིས་ཉེས་ཅན་ཚོགས་པ་འདིའི་ཁོངས་མི་གཞན་དག་རང་འགུལ་སྒོས་སྤྱི་བདེ་ལས་ཁུངས་ལ་རང་ཉེས་རང་ཞུ་བྱེད་དུ་ཡོང་བར་སྐུལ་སློང་དང་།  རང་འགུལ་གྱིས་རང་ཉེས་རང་ཞུ་བྱེད་མཁན་ལ་ཁྲིམས་ལྟར་ཉེས་ཆད་ཡང་མོའམ་ཆག་ཡང་དུ་གཏོང་རྒྱུ་ཡིན་ལ།  ཉེས་ཅན་མི་སྣ་འགེབས་སྲུང་དང་རྒྱ་ཡན་དུ་གཏོང་མཁན་ལ་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་ཁག་འགན་རྩད་གཅོད་བྱ་རྒྱུ་ཡིན།

 

གོང་ཞུ་འབྲེལ་གནས།   

རྩེ་ཁོག་རྫོང་སྤྱི་བདེ་ཅུའུ་ནག་འཇོམས་ངན་སེལ་ཆེད་སྒྲུབ་གཞུང་ལས་ཁང།            

 (རྩེ་ཁོག་རྫོང་སྤྱི་བདེ་ཅུའུ་ཉེས་དོན་ཉེན་རྟོག་རུ་ཁག)

གོང་ཞུ་འབྲེལ་གཏུགས་ཨང་གྲངས། 

09738752110  

 (རྩེ་ཁོག་རྫོང་སྤྱི་བདེ་ཅུའུ་ནག་འཇོམས་ངན་སེལ་ཆེད་སྒྲུབ་གཞུང་ལས་ཁང་།  )

18809739220    ཉེན་རྟོག་པ་ལིག

18309730700     ཉེན་རྟོག་པ་གུ

 
责任编辑:石晔
分享到:
热门图片
今日热点
专题 全部
正在直播
热播排行
青ICP备06000301号-2  网络视听许可证:1907177   网络文化经营许可证:青文新网文 [2016] 3534-006号
青公网安备:  63010302000109号 投诉反馈电话:0971-8818338转8818 投诉反馈邮箱:gtcm@xntv.tv